སྟོན་པ་སངས་རྒྱས།
སྟོན་པ་བཅོམ་ལྡན་འདས།

ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།། ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།།

ཞི་བདེའི་དེད་དཔོན།
༧གོང་ས་འཕགས་མཆོག་སྤྱན་རས་གཟིགས།

གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

དྲིན་ཆེན་རྩ་བའི་བླ་མ།
485286_261677833920053_1578052385_n

དཀོན་མཆོག་རིན་ཆེན་གསུམ་གྱི་ངོ་བོ་ཉིད།། རྒྱལ་བསྟན་འཛིན་པ་སྤྲུལ་པའི་པད་དཀར་འཆང༌།། དོན་ཀུན་བཟང་པོ་སྤྱན་གྱིས་གཟིགས་མཛད་པ།། ཕྲིན་ལས་ལྷུན་གྲུབ་བསྐལ་བརྒྱར་ཞབས་བརྟན་ཤོག།

དྲིན་ཆེན་རྩ་བའི་བླ་མ།
385550_334817279939441_100765332_n

དཀོན་མཆོག་གསུམ་གྱི་བསྟན་པ་འཛིན་པ་ལ།། ངག་གི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས།། ཐུབ་བསྟན་རིན་ཆེན་སྒྲོན་མེ་འདེགས་མཛད་པ།། ཆོས་ཀྱི་སྣང་བ་བསྐལ་བརྒྱར་ཞབས་བརྟན་ཤོག།

འབྲི་གུང་ཨ་ཕྱི་ཆོས་སྒྲོན།
6c6d7e21-996a-4706-85d7-4c090d638900

སྲིད་གསུམ་དབང་སྡུད་འགྲོ་བ་མ་ལུས་སྐྱོང་།། སངས་རྒྱས་སྟོང་གི་བསྟན་པ་བསྲུང་བར་མཛད།། འགྲོ་བའི་བསམ་པ་ཆོས་བཞིན་སྒྲུབ་མཛད་མ།། ཡིད་བཞིན་བསམ་གྲུབ་ཨ་ཕྱིའི་འཕྲིན་ལས་མཛོད།།

བལྟ་ཀློག་པའི་གནས་ཡུལ།

ལོ་རྒྱུས།

དཀོན་མཆོག་རིན་ཆེན་གསུམ་གྱི་ངོ་བོ་ཉིད།། རྒྱལ་བསྟན་འཛིན་པ་སྤྲུལ་པའི་པད་དཀར་འཆང༌།། དོན་ཀུན་བཟང་པོ་སྤྱན་གྱིས་གཟིགས་མཛད་པ།། ཕྲིན་ལས་ལྷུན་གྲུབ་བསྐལ་བརྒྱར་ཞབས་བརྟན་ཤོག།

འབྲི་གུང་༧སྐྱབས་མགོན་འཕྲིན་ལས་ལྷུན་གྲུབ།

  ༈ གདན་རབས་སོ་བདུན་པ། འབྲི་གུང་༧སྐྱབས་མགོན་ཆེ་ཚང་སྐུ་ཕྲེང་བདུན་པ་འདི་ཉིད། ལྷ་ས་ཚ་རོང་གཟིམ་ཤག་ཏུ་ཡབ་ཚ་རོང་བདུད་འདུལ་རྣམ་རྒྱལ་དང༌། ཡུམ་རགས་ཁ་ཤག་གི་སྲས་མོ་དབྱངས་ཅན་སྒྲོལ་དཀར་གཉིས་ཀྱི་སྲས་སུ། སྤྱི་ལོ་ ༡༩༤༦ མེ་ཁྱིའི་ཆོས་འཁོར་དུས་ཆེན་ཉིན་འཁྲུངས། Continue reading རྩོམ་ཡོངས་ཀློག་གྲངས། (775 )

385550_334817279939441_100765332_n

འབྲི་གུང་༧སྐྱབས་མགོན་ཆོས་ཀྱི་སྣང་བ།

  ༈ གདན་རབས་སོ་དྲུག་པ། འབྲི་གུང་༧སྐྱབས་མགོན་ཆུང་ཚང་སྐུ་ཕྲེང་བརྒྱད་པ་འདི་ཉིད། རྒྱལ་བ་ཀརྨ་པ་དང༌། སྟག་ལུང་པ། ཡོངས་འཛིན་ཨ་དབྱངས་ཀྱི་གཟིཌ་ལམ། གྲུབ་དབང་ཨ་མགོན་གྱི་ལུང་བསྟན། གསེར་ཁང་ཆོས་རྗེར་བརྟག་སྒྲིལ་རྣམས་མ་སྒྲིག་རྩེ་མཐུན་དུ་བབས་ཀྱང༌། Continue reading

རྩོམ་ཡོངས་ཀློག་གྲངས། (736 )

བོད་གདོད་མའི་ལོ་རྒྱུས།

རྩོམ་པ་པོ།:ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན།

 

ས་བཅད་དང་པོ། བོད་ཀྱི་གདོད་མའི་ལོ་རྒྱུས།

དང་པོ།  བོད་ཅེས་བྱ་བའི་མིང་བྱུང་ཚུལ།

ཐོག་མར་རང་རེའི་ཡུལ་འདི་ལ་བོད་ཅེས་འབོད་པའི་མིང་དེ་ཇི་ལྟར་བྱུང་བའམ།   དེ འི་གོ་དོན་གང་ཡིན་པའི་སྐོར་ལ།  བོད་ཀྱི་ལོ་རྒྱུས་རྒྱལ་རབས་དང་ཆོས་འབྱུང་སོགས་ཀྱི་ནང་མིང་ཚིག་དེའི་འགྲེལ་བཤད་འཁོད་པ་ཞིག་མ་མཐོང་ཞིང་། Continue reading རྩོམ་ཡོངས་ཀློག་གྲངས། (230 )

བོད་ཅེས་བྱ་བའི་མིང་གི་བྱུང་ཚུལ།

 ཀྲང་གོ་ཚྭ་འདམ་དྲ་ཚིགས་ལས་བཤུས།

   ཐོག་མར་རང་རེའི་ཡུལ་འདི་ལ་བོད་ཅེས་འབོད་པའི་མིང་དེ་ཇི་ལྟར་བྱུང་བའམ།དེའི་གོ་དོན་གང་ཡིན་པའི་སྐོར་ལ། བོད་ཀྱི་ལོ་རྒྱུས་རྒྱལ་རབས་དང་ཆོས་འབྱུང་སོགས་ཀྱི་ནང་མིང་ཚིག་དེའི་འགྲེལ་བཤད་འཁོད་པ་ཞིག་མ་མཐོང་ཞིང་།

Continue reading རྩོམ་ཡོངས་ཀློག་གྲངས། (591 )

 ༄༅།     །སྟོན་པའི་དུས་ཆེན་རྣམ་བཞིའི་ངོ་སྤྲོད།

photo

 ཆོ་འཕྲུལ་ཆེན་པོའི་མཛད་པ།  

༄༅།  །བསྐལ་བཟང་རྣམ་འདྲེན་བཞི་པ་ཉི་མའི་གཉེན་དེ་ཉིད་ཀྱིས་འཛམ་བུའི་གླིང་འདིར་མཆོག་གི་སྤྲུལ་སྐུའི་སྣང་བརྙན་བཟུང་སྟེ་གདུལ་བྱ་རྣམས་ཀྱི་ཁམས་དང་དབང་པོའི་བྱེ་བྲག་བསམ་མི་ཁྱབ་པ་དེ་དང་དེར་གང་ལ་གང་འདུལ་གྱི་མཛད་པ་མཐའ་ཀླས་པའི་ནང་ཚན་གྲོང་ཁྱེར་གཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དགུ་ཁྲི་དང་བཅས་པ་ཆོ་འཕྲུལ་ཆེན་པོས་བཏུལ་བའི་ཚུལ་ནི། བཅོམ་ལྡན་འདས་དགུང་ལོ་ང་བདུན་པ་མེ་ཕོ་འབྲུག་གི་ལོར་རྒྱལ་པོའི་ཁབ་འོད་མའི་ཚལ་ན་བཞུགས་ཤིང༌། དེའི་ཚེ་སྐྱེ་བོ་ཐམས་ཅད་ཀྱིས་སངས་རྒྱས་དང་དགེ་འདུན་ལ་མཆོད་ཅིང༌། མུ་སྟེགས་བྱེད་རྣམས་ཀྱི་བསོད་སྙོམས་དང་རྙེད་པ་ངན་པར་གྱུར་པ་ན། བདུད་སྡིག་ཅན་གྱིས་མུ་སྟེགས་ཀྱི་སྟོན་པ་འོད་སྲུང་རྫོགས་བྱེད་ལ་སོགས་པ་དྲུག་པོའི་རྒྱུད་བསྐུལ་བ་ལ་བརྟེན་ནས་དེ་དག་ལྷན་ཅིག་འདུས་ཏེ། འདི་སྐད་ཅེས། སྔོན་ནི་རྒྱལ་པོ་ལ་སོགས་པ་ཐམས་ཅད་ཀྱིས་བདག་ཅག་ལ་བཀུར་བསྟི་བྱེད་པ་ཡིན་ན། ད་ནི་གཽ་ཏམ་ལ་བྱེད་ཀྱི། བདག་ཅག་ལ་མ་ཡིན་པས། དགེ་སྦྱོང་གཽ་ཏམ་འདི་བདག་ཅག་གི་མིའི་ཆོས་བླ་མའི་ཆོ་འཕྲུལ་འགྲན་པའི་ཕྱིར་བཀུག་སྟེ། དེས་རྫུ་འཕྲུལ་གཅིག་སྟོན་པ་ན་བདག་ཅག་གིས་གཉིས་སྟོན་པ་སོགས་ཉིས་འགྱུར་གྱིས་ལྷག་པ་བསྟན་པར་བྱའོ། །ཞེས་གྲོས་བྱས་ཏེ། རྒྱལ་པོ་གཟུགས་ཅན་སྙིང་པོའི་དྲུང་དུ་སོང་ནས། ལྷ། བདག་ཅག་དང༌། དགེ་སྦྱོང་གཽ་ཏམ་རྫུ་འཕྲུལ་འགྲན་དུ་ཆུག་ཅིག རྒྱལ་པོས་འདི་སྐད་ཅེས། ཀྱེ་རོ་དང་འདྲ་བ་ཁྱེད་རྣམས་ཀྱིས་སངས་རྒྱས་ལ་ཇི་ལྟར་འགྲན། དེ་རྣམས་ཀྱིས། བདག་ཅག་ཞག་བདུན་ན་རྫུ་འཕྲུལ་འགྲན་ན་མངོན་ནོ། །

Continue reading རྩོམ་ཡོངས་ཀློག་གྲངས། (406 )

        ༄༅། །ཡེ་ཤེས་ཀྱི་མཁའ་འགྲོ་ཨ་ཕྱི་ཆོས་ཀྱི་སྒྲོལ་མའི་འཁྲུངས་རབས།

                Achi Choekyi Dolma

༄། །འབྲི་གུང་༧སྐྱོབ་པ་འཇིག་རྟེན་མགོན་པོའི་མེས་པོར་གྱུར་པ་ཨ་མེས་ཚུལ་ཁྲིམས་རྒྱ་མཚོའི་གསང་ཡུམ་༧སྐྱོབ་པའི་ཡང་རྨོའོ་རུ་གྱུར་པ། འབྲི་གུང་ཨ་ཕྱི་ཆོས་ཀྱི་སྒྲོལ་མ་ཞེས་མཚན་ཡོངས་སུ་གྲགས་པ་དེའི་ལོ་རྒྱུས་ཅུང་ཞིག་སྐབས་འདིར་སྤྲོ་བ་ལ། དེ་ཡང་འཇམ་དཔལ་རྩ་རྒྱུད་ལས། བྱང་གི་ཕྱོགས་ཀྱི་དུར་ཁྲོད་དུ། །རྒྱལ་བའི་ཡུམ་གྱི་སྤྲུལ་པ་ནི། །སྒྲོལ་མའི་མིང་ཅན་འབྱུང་གྱུར་ཏེ། །སྐྱེ་མེད་སྙིང་པོའི་དོན་རྟོགས་ཤིང༌། །གྲོང་དང་གྲོང་ཁྱེར་རི་སུལ་དང༌། །དུར་ཁྲོད་བས་མཐའ་ཁྱབ་པར་ཉུལ། །དེ་ཡིས་ཆོས་ནི་རྒྱས་པར་གྱུར། །ཞེས་དང༌། སངས་རྒྱས་སྤྱན་རས་གཟིགས་ཁ་བ་ཅན་གྱི་རྒྱལ་ཁམས་འདུལ་བར་ལུང་བསྟན་པའི་མདོ་ལས། ཇོ་མོ་སྒྲོལ་མའི་སྤྲུལ་པ་ནི། །

Continue reading རྩོམ་ཡོངས་ཀློག་གྲངས། (360 )

༄༅། །དགའ་སྐྱོ་སྤེལ་མའི་ལྗོངས་རྒྱུ།

རྩོམ་པ་པོ། མཁན་ཆེན་ཚུལ་ཁྲིམས་བློ་གྲོས།

 

    བླ་མ་དང་རྗེ་བཙུན་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། །

དེ་ཡང་རབ་རྒྱན་ལྕགས་སྦྲུལ་ལོའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ཉེར་བརྒྱད་སྔ་མའི་ཉིན་རྒྱ་བོད་བར་གྱི་མུ་ཁྱུད་ཧི་མ་ལ་ཡའི་རི་རྒྱུད་བརྒལ་ནས་བལ་ཡུལ་མཐིལ་གྱི་ཡམ་བུའི་གྲོང་ཁྱེར་དུ་སླེབས། ཧི་མ་ལ་ཡའི་རི་རྒྱུད་ཀྱི་སྟེང་གི་བར་སྣང་ནས་ཚུར་ཕྱོགས་ན་གངས་ཅན་གྱི་ལྗོངས་དངུལ་དང་ཤེལ་དང་དུང་གི་འཇིག་རྟེན་ལྟ་བུ་དང༌། ཕར་ཕྱོགས་ན་བལ་བོའི་ཡུལ་གྱི་རི་ལྗོངས་ཐམས་ཅད་ནགས་ཚལ་གྱི་ལོ་མས་ལྗང་ཐིབས་ཀྱིས་གཡོགས་ཤིང་ཀླུང་དག་ན་དུད་སྤྲིན་གྱིས་སྔོ་ཁྱིལ་ལེ་ཁེངས་པ་སྟེ། འཇིག་རྟེན་མི་འདྲ་བ་གཉིས་དུས་གཅིག་ལ་མཐོང༌།

Continue reading རྩོམ་ཡོངས་ཀློག་གྲངས། (291 )

 

སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གྱི་ལོ་རྒྱུས་མདོར་བསྡུས།
2011-01-27 22:00:02 རྩོམ་ཁུངས།༼ ངེད་དྲ་ཚིགས། རྩོམ་པ་པོ།༼ ཚུལ་ཁྲིམས་རྒྱན་མཚན།
སྨན་རྩིས་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གྱི་ལོ་རྒྱུས་མདོར་བསྡུས།
རྒྱལ་ཁབ་རིམ་པའི་གསོ་རིག་སློབ་དཔོན་ཆེན་མོའི་མཚན་སྙན་ཐོབ་པ།
༡༩༩༢ལོར་མཁས་དབང་བྱམས་པ་འཕྲིན་ལས་ཀྱིས་༼ འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་འགན་ཁུར་བ༽ཀྲུང་དྷའོ་ཧུང་ཡི་ལ་སྙུང་གཞི་གཟིགས་པ།
 
   མཁས་དབང་བྱམས་པ་འཕྲིན་ལས་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་འབྲུག་༼སྤྱི་ལོ་༡༩༢༨༽ལོའི་བོད་ཟླ་བཅུ་གཅིག་པའི་སྟག་གི་ཟླ་བའི་ནང་གངས་ལྗོངས་ས་ཡི་ཐིག་ལེའི་ལྷ་ལྡན་སྨན་ལྗོངས་ཀྱི་གྲགས་ཅན་རྒྱལ་རྩེའི་ཚོང་ཁང་ཞེས་པར་ཡབ་དཀོན་མཆོག་འོད་ཟེར་དང་ཡུམ་སྐལ་བཟང་མཚོ་མོ་གཉིས་ཀྱི་སྲས་སུ་སྐུ་འཁྲུངས།  ཁོང་འཁྲུངས་ཁྱིམ་དེའི་སྨན་པ་མི་རབས་གསུམ་པ་ཡིན།  དགུང་ལོ་དྲུག་ལ་ཕེབས་དུས་ཡབ་ཀྱི་དྲུང་ནས་འབྲི་ཀློག་སྦྱངས་པ་མྱུར་དུ་བྱང་ཆུབ་པར་མཁྱེན།  དགུང་ལོ་བདུན་པར་ལྷ་སར་སྐད་གྲགས་ཡོད་པའི་སྒེར་བཙུགས་སྐྱིད་རས་སློབ་གྲྭ་ཞེས་པར་ཕེབས་ནས་ལོ་དྲུག་རིང་བོད་ཡིག་འབྲི་ཀློག་དག་གསུམ་བསླབ་སྦྱངས་ཀྱིས་སྦྱང་འབྲས་ཕུལ་དུ་བྱུང་བ་ཐོབ།

Continue reading རྩོམ་ཡོངས་ཀློག་གྲངས། (271 )

ལོ་ཐོ།
December 2014
M T W T F S S
« Jul    
1234567
891011121314
15161718192021
22232425262728
293031  
འཕྲིན་གསར།
ཟིན་བྲིས་རྙིང་པ།
དཔྱད་བརྗོད་མཁན།
ཀློག་གྲངས།
012129
Total Visit : 12129
plugins by Bali Web Design