སྟོན་པ་སངས་རྒྱས།
སྟོན་པ་སངས་རྒྱས།

ཐབས་མཁས་ཐུགས་རྗེས་ཤཱཀྱའི་རིགས་སུ་འཁྲུངས། །གཞན་གྱིས་མི་ཐུབ་བདུད་ཀྱི་དཔུང་འཇོམས་པ། །གསེར་གྱི་ལྷུན་པོ་ལྟ་བུར་བརྗིད་པའི་སྐུ།། ཤཱཀྱའི་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ།།

ཞི་བདེའི་དེད་དཔོན།
ཞི་བདེའི་དེད་དཔོན།

གངས་རིའི་ར་བས་བསྐོར་བའི་ཞིང་ཁམས་སུ། །ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས། །སྤྱན་རས་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི། །ཞབས་པད་སྲིད་མཐའི་བར་དུ་བརྟན་གྱུར་ཅིག།

དྲིན་ཆེན་རྩ་བའི་བླ་མ།
དྲིན་ཆེན་རྩ་བའི་བླ་མ།

དཀོན་མཆོག་རིན་ཆེན་གསུམ་གྱི་ངོ་བོ་ཉིད།། རྒྱལ་བསྟན་འཛིན་པ་སྤྲུལ་པའི་པད་དཀར་འཆང༌།། དོན་ཀུན་བཟང་པོ་སྤྱན་གྱིས་གཟིགས་མཛད་པ།། ཕྲིན་ལས་ལྷུན་གྲུབ་བསྐལ་བརྒྱར་ཞབས་བརྟན་ཤོག།

དྲིན་ཆེན་རྩ་བའི་བླ་མ།
དྲིན་ཆེན་རྩ་བའི་བླ་མ།

དཀོན་མཆོག་གསུམ་གྱི་བསྟན་པ་འཛིན་པ་ལ།། ངག་གི་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས།། ཐུབ་བསྟན་རིན་ཆེན་སྒྲོན་མེ་འདེགས་མཛད་པ།། ཆོས་ཀྱི་སྣང་བ་བསྐལ་བརྒྱར་ཞབས་བརྟན་ཤོག།

འབྲི་གུང་ཨ་ཕྱི་ཆོས་སྒྲོན།
འབྲི་གུང་ཨ་ཕྱི་ཆོས་སྒྲོན།

སྲིད་གསུམ་དབང་སྡུད་འགྲོ་བ་མ་ལུས་སྐྱོང་།། སངས་རྒྱས་སྟོང་གི་བསྟན་པ་བསྲུང་བར་མཛད།། འགྲོ་བའི་བསམ་པ་ཆོས་བཞིན་སྒྲུབ་མཛད་མ།། ཡིད་བཞིན་བསམ་གྲུབ་ཨ་ཕྱིའི་འཕྲིན་ལས་མཛོད།།

བལྟ་ཀློག་པའི་གནས་ཡུལ།

ང་བོད་པ་ཡིན།

05-01-2012

གངས་དཀར་ལྷུན་པོའི་ལོ་རྒྱུས་མཉམ་དུ་འཁྱུད།།

གདོང་དམར་ཟུངས་ཁྲག་ལྷད་མེད་སྤུ་རྒྱལ་བརྒྱུད།།

སྟོན་པ་གཤེན་རབ་མི་བོའི་མུ་ཐག་འབྲེལ།།

གདོད་མའི་ཕ་ཆོས་ཞེན་པའི་བོད་པ་ཡིན།།

 

མེས་པོའི་དཀའ་ངལ་བརྒྱ་ཕྲག་བསད་པའི་འབྲས།།

ཤར་ཕྱོགས་འཕགས་པའི་ཆོས་དེ་བོད་ལ་དྲངས།།

བྱམས་དང་སྙིང་རྗེ་བརྩེ་བའི་བདག་པོི་ཆོས།།

ལྷད་མེད་མཆོག་གསུམ་དད་པའི་བོད་པ་ཡིན།།

ཡར་སྟོད་ཆོས་ཀྱི་ཞེ་སའི་ནོར་གྱིས་ཕྱུག།

མར་སྨད་མི་ཡི་ཤེས་རབ་སྒྲོན་མེ་སྤར།།

བར་ཁམས་རྟ་ཡི་གནས་ལ་བདེན་དྲང་ཡོད།།

ཆོལ་གསུམ་གློ་སྙིང་འདྲེས་པའི་བོད་པ་ཡིན།།

 

ལ་བ་གངས་ཅན་སྦྲ་ཁྱིམ་གྲུ་བཞིའི་ནང་།།

ལུས་ཟུངས་ཡོངས་ཀྱིས་བཅུད་ཀྱི་ལྟེ་ཁྲག་འཐོར།།

རྩམ་མར་ཕྱུར་གསུམ་རོལ་ནས་འཚར་ལངས་ཅན།།

གངས་ཅན་རྩམ་དྲིས་གདོང་དམར་བོད་པ་ཡིན།།

 

སྐྱེས་མ་གངས་ཅན་རྫ་རི་སྨུག་པོ་ཡིན།།

ཨ་ཕ་གངས་དཀར་ཤེལ་གྱི་མཆོད་རྟེན་ཡིན།།

ཕ་མས་བྱམས་བརྩེའི་དྲོད་ཁའི་རང་གདངས་ཅན།།

བྱམས་སྙིང་གཤིས་ཀ་ཅན་པའི་བོད་པ་ཡིན།།

 

ར་བ་གངས་དཀར་མི་རིགས་རང་གདངས་ཅན།།

ཀ་མད་སུམ་ཅུའི་སྐད་ཡིག་ལམ་དང་འགྲོགས།།

ལོ་ངོར་སྟོང་ཚོར་ཕྱུག་པའི་སྐད་ཡིག་དེ།།

རང་གཤིས་ངག་ལ་དབང་བའི་བོད་པ་ཡིན།།

 

གངས་ཅན་ར་བས་བསྐོར་བའི་གངས་ཅན་བོད།།

གངས་ཅན་བསིལ་ཆུར་རོལ་བའི་གངས་ཅན་བོད།།

གངས་ཅན་གདོད་མའི་ཆོས་ཅན་གངས་ཅན་བོད།།

གངས་ཅན་ཞི་བདེའི་ཟླ་གཟུགས་གངས་ཅན་བོད།།

ས་འཛིན་དཀར་པོས།

རྩོམ་ཡོངས་ཀློག་གྲངས། (633 )

4 Responses to ང་བོད་པ་ཡིན།

  • karma says:

    ཀ་མད་སུམ་ཅུ་ངག་དབང་བོད་པ་ཡིན།།

    ཁ་བའི་བསིལ་རླུང་འགྲོགས་མཁན་བོད་པ་ཡིན།།

    ག་བར་བསྐྱོད་ཀྱང་རང་གཤིས་བོད་པ་ཡིན།།

    ང་ནི་བོད་པའི་བོད་ཕྲུག་ཡིན།།

     

     

  • མེ་སྟག says:

     

    གནམ་འདེགས་ཀྱི་ཀ་བ་ཆེན་པོ་གངས་ཅན་གྱི་བླ་སྲོག་ངོ་མ་ལྷང་ངེར་འགྱིངས་བའི་འཛིན་དཀར་པོ་འདིའི་དྲ་ཚིགས་འདིའི་བོད་མི་རིགས་ཀྱི་རིག་གཞུང་དང་། སྣུམ་བག་ལྡན་པའི་ཤེས་རིག་ལྡིང་ཆ་ཆེན་པོ་ཞིག་བསྐྲུན་འདུག་པར་རྗེས་སུ་ཡི་རང་དང་བསྔགས་བརྗོད་གྲངས་མེད་ཞུ།

    • ས་འཛིན་དཀར་པོས། says:

      གྲོགས་པོ་མེ་སྟག་ལགས་ཕེབས་ནས་ཆེ་བསྟོད་གནང་བར་བཀའ་དྲིན་ཆེ། དོ་དམ་པས།

  • ཨ་མཚེ། says:

    དྲ་གྲོགས་རྣམས་འདིའི་ནང་ཕེབས་ནས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

You may use these HTML tags and attributes: <a href="" title=""> <abbr title=""> <acronym title=""> <b> <blockquote cite=""> <cite> <code> <del datetime=""> <em> <i> <q cite=""> <strike> <strong>

འཕྲིན་གསར།
ལོ་ཐོ།
September 2012
M T W T F S S
« Aug   Oct »
 12
3456789
10111213141516
17181920212223
24252627282930
ཟིན་བྲིས་རྙིང་པ།
དཔྱད་བརྗོད་མཁན།
ཀློག་གྲངས།
008553
Total Visit : 8553
plugins by Bali Web Design